| e-texts navigator |
| Wylie |
197b1 དང་། དགར་བར་བྱེད་པའི་རྗེས་སུ་འབྲང་བ་དང་། དགར་བར་བྱེད་པའི་རྗེས་སུ་འབྲང་བ་རྣམས་བཀུག་ནས། བཀའ་སྩལ་པ། དགེ་སློང་ཁྱོད་འཐབས་ཏེ།
197b2 མཚང་འདྲུ་ཞིང་འགྱེད་པ་ལ་རྩོད་པར་གྱུར་པ་བདེན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བཀའ་སྩལ་པ་དགེ་སློང་དག་ཁྱོད་འཐབ་སྟེ།
197b3 མཚང་འགྱེད་པ་ལ་བརྩོན་ཅིང་མ་འཁོད་ཅིག། དགེ་སློང་དག་ཁྱེད་འཐབས་ཏེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་ན་ནི་དགེ་བའི་ཆོས་རྣམས་འགྲིབ་པར
197b4 འགྱུར་གྱི། འཕེལ་བར་མི་འགྱུར་བར་རིག་པར་གྱིས་ཤིག། དགེ་སློང་ཁྱོད་མི་འཐབ་སྟེ། འཚང་མི་འདྲུ་ཞིང་མི་འགྱེད་ལ། མི་བརྩོད་པར་འཁོད་ན་ནི་དགེ
197b5 བའི་ཆོས་རྣམས་འཕེལ་བ་འབའ་ཤིག་ཏུ་འགྱུར་གྱི།། འགྲིབ་པར་མི་འགྱུར་བར་རིག་པར་གྱིས་ཤིག། དགེ་སློང་དག་བཞན་ཡང་དག་རི་བྱེད་པའི་དགེ་སློང་གིས
197b6 ནི། འདི་ལྟར་བྱ་དགོས་ཏེ། དགར་བར་བྱེད་པའི་དགེ་སློང་ནི་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ་མ་མོ་འཛིན་པ།
197b7 མཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་པ། དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ་མདོ་སྡེ་འཛིན་པ། འདུལ་བ་འཛིན
197b8 ཁ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ཏེ། བདག་གིས་དེ་ལ་འདོད་པ་མ་ཡིན་པས་གླེང་བ་བྱས། འདོད་པ་མ་ཡིན་པས་དྲན་པར