| e-texts navigator |
| Wylie |
197a1 ལས་ལ་སློང་དག་གཞན་ཡང་དག་རབས་གཅད་པའི་དགེ་སློང་གིས་ནི་འདི་ལྟར་བྱ་དགོས་ཏེ། དགར་བས་བཅད་པའི་དགེ་སློང
197a2 ནི་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ་འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ལ།
197a3 དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་མ་རུང་བ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཛིན
197a4 ཆེ་བ། གཡོག་འཁོར་མང་བ་ཡིན་ན། དེ་དག་གིས་བདག་ལ་འདོད་པ་ཡིན་པས་གླེང་བར་བྱེད་ལ། འདོད་པ་མ་ཡིན་པས་དྲན་པར་བྱེད་ཀྱིས། བདག་གིས
197a5 ཀྱང་དེ་དག་གིས་ཉེས་པ་གླེང་བ་དེ། ཆོས་བཞིན་དུ་མཉན་པར་མི་བྱའོ།། དེ་དག་གིས་བདག་ཀྱང་མི་སྣང་བར་དགར་བར་བྱེད་དེ། ཕྱིར་བཅོས་སུ་མེད་པ་དང་། ཕྱིར
197a6 འབྱུང་དུ་མེད་པའི་ལྟ་བས་དགར་བར་བྱེད་དོ།། གཞི་དེས་ན་དགེ་འདུན་གྱིས་འཐབ་མོ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་རྩོད་པ་འབྱུང་བར་འགྱུར་རོ་སྙམ་དུ་རིག
197a7 ནས། གླེངས་པའི་དགེ་སློང་གིས་ཉེས་པ་བཞིན་དུ་ཕྱིར་བཅོས་ན་ནི་ལེགས། དེ་ལྟར་ཕྱིར་བཅོམ་ན་འགལ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར
197a8 བཅད་པའི་དགེ་སློང་དང་། དགར་བས་བཅད་པའི་རྗེས་སུ་འབྲང་བ་དང་། དགར་བས་བཅད་པའི་རྗེས་སུ་འབྲང་བ་རྣམས་བཏང་ནས། དགར་བར་བྱེད་པའི་དགེ་སློང