e-texts navigator
Collection
Volume
Page
Wylie

196b1 རྗེས་སུ་འབྲང་བ་དང་། དཀར་བས་བཅད་པའི
196b2 ཙམ་གྱིས་བཀྲུ་བཤལ་བྱར་ཆོག་གམ་ཞེས་བྱས་ནས། དེ་དག་གིས་དེ་ལ་ཡུས་མེད་པར་བསྙེན་པའི་ཕྱིར་དགར་བའི་ལས་བྱས་སོ།། དེ་ནས་ཡངས་པ་ཅན
196b3 གྱི་དགེ་སློང་དེ་དག་གིས་ལས་དེ་བཤིག་སྟེ། གྱེས་ནས་གསོ་སྦྱོངས་གིས་ལས་ལོག་ཤིག་ཏུ་བྱས་སོ།། དེ་ནས་གཞི་དེ་དག་འཐབ་པ་དང་། འཚང་འདྲུ
196b4 བ་དང་། འགྱེད་པ་དང་། རྩོད་པར་འགྱུར་ནས། དེ་དག་འཐབས་ཤིང་མཚངས་གྲུས་ལ་བཀྱེ་ཞིང་བརྩད་ནས་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས
196b5 དགར་བས་བཅད་པའི་དགེ་སློང་དང་། དགར་བས་བཅད་པའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ།། དགེ་སློང་དག་ཁྱེད་འཐབས་ཏེ།
196b6 འཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་པ་བདེན་ནཾས། གསོལ་པ། བཅོམ་ལྡན་འདས་མང་ལགསོ།། བཀའ་སྩལ་པ། དགེ་སློང་དག་ཁྱེད་ཐབས་དེ།
196b7 མཚང་འདྲུ་ཞིང་འགྱེད་ལ། རྩོད་ཅིང་མ་འཁོད་ཅིག། དགེ་སློང་དག་ཁྱེད་འཐབས་ཏེ། མཚང་འདྲུ་ཞིང་འགྱེད་པ་ལ་རྩོད་ཅིང་འཁོད་ན་ནི། དགེ་བའི
196b8 ཆོས་རྣམས་འགྲིབ་པར་འགྱུར་གྱིས། འཕེལ་བར་མི་འགྱུར་བར་རིག་པར་གྱིས་ཤིག། དགེ་སློང་དག་ཁྱེད་མི་འཐབ་སྟེ། མཚང་མི་འདྲུ་ཞིང་མི་འགྱེད
196b9 ལ། མི་རྩོད་པར་འཁོད་ན་ནི། དགེ་བའི་ཆོས་རྣམས་འཕེལ་བར་འབའ་ཤིག་ཏུ་འགྱུར་གྱི། འགྲིབ་པར་མི་འགྱུར་བར་རིག་པར་གྱིས་ཤིག། དགེ




iiif viewer powered by OpenSeadragon

196a - 197a

Texts on this page

F402 - las brgya tham pa