| e-texts navigator |
| Wylie |
196a1 ལས་བ6། པའི་སློབ་མ་རྣམས་ལ་སྨྲས་པ། ཀྱེ་བདག་གིས་འདིར་བསྐུ་བ་ཤལ་བྱས་པ་ལས་ཆུ་རའི་ནང་ན་ཆུ་ཉུང་ཤས་ཤིག་ལས་མ་ལུས
196a2 བཞིན་དུ་བོར་ཏེ། འོངས་ལ་དགེ་འདུན་གྱི་ནང་ཁྲིམས་བཅས་པ་ནི་ཡང་ན་བདག་ཉིད་ཀྱིས་དགང་བར་བྱ་བ་དང་། ཡང་ན་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྤྱན་དགོས་པ
196a3 ཡིན་ན། དེ་བདག་རང་གིས་ཀྱང་མ་བཀང་ལ། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་ཡང་མ་སྦྲན་ན། བདག་འདིར་འོངས་པའི་འོག་ཏུ་དགེ་སློང་འགའ་ཞིག་བཀྲུ་བཤལ་བྱེད
196a4 པར་མི་འགྱུར་གྲང་བ་ཞེས་བྱས་སོ།། དེ་ནས་དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་ཀྱིས་འདི་སྐད་དུ་དེའི་ནང་ན་ཆུའི་ཡོད་དོ་ཞེས་དེ་ཉི་ཚེ་ཞིག་གསུངས་ཤིག་དང་།
196a5 བདག་ཅག་གིས་ཁྱོད་ཀྱི་འཇིང་དང་། མཐུ་དང་གྲོགས་བགྱིའོ།། ཞེས་བྱས་ནས། དེ་ནས་དེ་དག་ཁྱིམ་དེར་ཛན་ཟོས་ནས་ཕྱིར་དོང་ངོ་།། དེ་དག་གིས་ནས་ཀོའུ
196a6 ཤམ་མི་བ་རྣམས་ཀྱིས་བསམས་པ། ཡངས་པ་ཅན་གྱི་དགེ་སློང་དེས། དགེ་འདུན་གྱི་ནང་ཁྲིམས་ལས་འགལ་བར་བྱས་ཀྱིས། དེས་ཉེས་པ་བྱས་པའི་ཕྱིར།
196a7 བདག་གཅག་གིས་ཉེས་པ་འཆགས་སུ་བཞུག་གོ་སྙམ་དེ། བདན་བཤམས་ནས། འགན་ཏེ་བརྡུངས་ཏེ། དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པར
196a8 གྱུར་ནས། ཀོའུ་ཤམ་བིའི་དགེ་སློང་དེས་ཡངས་པ་ཅན་གྱི་དགེ་སློང་དེ་ལ་གླེངས་པ་དང་། དེས་སྨྲས་པ་དང་། དེའི་ནང་ན་ཆུ་ཡོད་དོ།། དེས་སྨྲས་པ། ཆུ་དེ