| e-texts navigator |
| Wylie |
195b1 ཁུང་སར་འགྲོ་བར་ཆས་པ་ལས་དེས་ལྟས་ན། ཆུ་རའི་ནང་དུ་ཆུ་ཉུ་དུ་ཞིག་ལས་མེད་པ་མཐོང་ནས།། དེས་ཀྱང་སྔར་ཡངས་པ་ཅན་གྱི་དགེ་སློང་དེས་བཀྲུ་བཤལ་བྱས
195b2 ནས་སོང་བ་མཐོང་ནས། དེས་བསམས་པ་དགེ་སློང་འདི་ནི་ལས་རྣམ་གཉིས་བྱེད་པར་འགྱུར་ཏེ། ཡང་ན་ནི་བདག་ཉིད་ཀྱིས་ཆུར་འགེངས་པར་བྱེད་པར་འགྱུར་རོ།། །
195b3 ཡང་ན་ནི་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲོན་པར་བྱེད་དོ་སྙམ་ནས། དེ་ལ་སྡོད་ཅིང་འདུག་གོ།། དེ་ནས་དེ་ལ་ལྷན་ཅིག་འཁོད་པའི་སློབ་མ་རྣམས་ཀྱིས་སྨྲས་པ། མཁན།
195b4 པོ་དགེ་སློང་ཐམས་ཅད་ནི་དོང་ལགས་ན། ཁྱོད་འདི་ནི་ཙི་ལས་བཞེས། དེས་སྨྲས་པ། བཀྲུ་བཤལ་བྱ་བར་འདོད་དེ། ཡངས་པ་ཅན་གྱི་དགེ་སློང་དེས་བཀྲ་བཤལ
195b5 བྱས་ཏེ་སོང་བ་ལས་ནས། དེ་འོངས་ཏེ་ཡང་ན་ནི་ཁོ་བདག་གིས་ཆུ་ར་འགེངས་པར་འགྱུར་རོ།། ཡང་ན་ནི་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲོན་པར་འགྱུར་རོ།། དེ་དག་གིས
195b6 སྨྲས་པ། མཁན་པོ་དེ་འཁོར་དང་བཅས་པ་ནི་དོང་ལགས་གྱིས། འདིར་མ་བཞེས་ཤིང་། དེ་ནས་དེས་ཆུ་ར་དེ་དགེ་སློང་རྣམས་ལ་བསྟན་ཏེ། ཁྱེད་ལྟོས་ཤིག
195b7 ཆུ་འདི་ཙམ་གྱིས་བཀྲུ་བཤལ་བྱར་རུང་ངམ། དེ་དག་གིས་སྨྲས་པ། མཁན་པོ་ཁྱོད་ཀྱིས་འདི་ན་ཆུར་ན་ཆུ་མེད་དོ་ཞེས། དེ་ཉི་ཚེ་ཞིག་གསུངས་ཤིག་དང་། བདག
195b8 ཅག་གིས་ཁྱོད་ཀྱི་འཇིང་དང་། མཐུ་དང་གྲོགས་བགྱིའོ།། ཞེས་བྱས་ནས་དོང་ངོ་།། ཡངས་པ་ཅན་གྱི་དགེ་སློང་དེ་ཡང་འགྱོད་པ་སྐྱེས་ནས། དེ་ནས་ལྷན་ཅིག་གམ