| e-texts navigator |
| Wylie |
195a1 ལས་ལན@དེ་ནས་དེ་དག་དབྱར་གནས་བཅས་ནས། ནང་ཁྲིམས་བཅས་ནས། ནང་ཁྲིམས་བཅས་ཏེ། བདག་ཅག་གི་ནང་ནས་གང་གིས་ཆུར་སྟོང་པ
195a2 ཅི་ཡང་མེད་པ། ཆུ་མེད་པ་མཐོང་ན། དེ་ཉིད་ཀྱིས་དགང་བར་བྱའོ།། ཡང་ན་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་བསྟེན་པར་བྱའོ།། བདག་གིས་ཀྱང་མ་བཀང་། ཡོ་བྱད་ཀྱི་ཞམ
195a3 ཁྱད་པ་ལ་ཡང་མ་སྦྲན་ན། དེ་བདག་ཅག་གིས་དེ་བདག་ཅག་གིས་གཞི་དེ་ལས་ཉེས་པ་འཆགས་སུ་གཞུག་གོ་ཞེས་ཟེར་རོ།། དེ་ནས་དེར་དབྱར་གནས་བཅས་པ་རྣམས
195a4 ཡང་དག་པའི་གཏམ་གཏན་ལ་འབེབས་ན། ཚིག་རྩུབ་པོས་འདྲེས་ནས་ཅིག་ལ་གཅིག་གྲགས་འབའ་ཤིག་ལྟ་ཞིང་འཁོད་དོ།། དེའི་ཚེ་ཁྱིམ་བདག་གཅིག་གིས་སངས་རྒྱས
195a5 ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས། བཅོམ་ལྡན་འདས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ། ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་སོ།།
195a6 བཅོམ་ལྡན་འདས་གཤེགས་ནས། ཡངས་པ་ཅན་གྱི་དགེ་སློང་དེ་ཁུང་སར་སོང་སྟེ།། བཀྲུ་བཤལ་བྱས་ནས། ཆུ་རའི་ནང་དུ་ཆུ་ཉུང་ངུ་ཞིག་ལས་མ་ལུས་པར་མཐོང
195a7 ནས། བསམས་པ། དགེ་སློང་ཐམས་ཅད་དོང་ཟིན་པས། ད་ནི་སུ་ཡང་ཆབ་ཁུང་སར་འགྲོ་བར་མེད་ཀྱིས། བདག་གིས་ཆུར་འདི་རང་གིས་དག་གང་བར་ཡང་མི་དགོས
195a8 སོ།། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྒྲན་ཡང་མི་དགོས་སྙམ་ནས། དེས་ཆུ་ཉུང་ངུ་བཞིན་བོར་ཏེ་སོང་ནས། རིང་ཞིག་ལོན་པའི་འོག་ཏུ། ཀོའུ་ཤམ་པའི་དགེ་སློང་དེ་ཆ