e-texts navigator
Collection
Volume
Page
Wylie

35b1 པོ་དག་གལ་ཏེ་ཁྱེད་ཅག་དང་། ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག
35b2 རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱི་སོ་ཤིག། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ
35b3 འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་གྱུར་པ་གང་ཡིན་པ་དེ་མེད་པར་འགྱུར་རོ།། གལ་ཏེ་ངའི་མིང་དྲན་ན་ཡང་། ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག
35b4 ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་དང་། བག་ཆ་བ
35b5 དང་། སྤུ་ཟིང་ཞེས་བྱེད་པ་བྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ།། གལ་ཏེ་ལྷའི་བུ་དབང་ལྡན་གྱི་མིང་དྲན་ན་ཡང་། ལྷའི་བུ་ཆ་ལྷའི་རྒྱལ་མཆོག་ཡང་དག
35b6 པར་རྗེས་སུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས་ལྷའི་བུ་ཆུ་ལྷའི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟི
35b7 ཞེས་བྱེད་པའི་མང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ།། ཚོང་པ་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀྱང་དགོན་པར་སོན་པ་ན། འཇིགས་པ་འམ། བག་ཚ་བ་འམ། སྐུ
35b8 ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང




iiif viewer powered by OpenSeadragon

35a - 36a

Texts on this page

F376 - mdo chen po rgyal mtshan mchog ces bya ba