| e-texts navigator |
| Wylie |
35a1 @ཕྱིར་འོང་བའི་འབྲས་བུ་མངོན་གསུམ་དུ་བྱ་བའི་ཕྱིར་ཞགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་ལ།
35a2 ཕྱིར་མི་འོང་བའི་འབྲས་བུ་མངོན་གསུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པའི་འབྲས་བུ
35a3 མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད། དེ་དག་ནི་སྐྱེས་བུ་གང་ཟག་བརྒྱད་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཉན
35a4 ཐོས་ཀྱི་དགེ་འདུན་དེ་ནི། ཚུལ་ཁྲིམས་ཕུན་གསུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་གསུམ་ཚོགས
35a5 ག་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུན་སུམ་ཚོགས་པ། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ།
35a6 བསོད་ནམས་ཀྱི་ཞིང་བླ་ན་མེད་པ། འཇིག་རྟེན་གྱི་ཡོན་གནས་ཡིན་ནོ་ཞེས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། ཚོང་པ་དེ་དག་གི་ཚེ་ཁྱེད
35a7 དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ནས། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པ
35a8 འགྱུར་རོ།། ཚོང་པ་དག་སྔོན་ལྷ་དང་། ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་དག་ལ་སྨྲས་པ། གྲོགས