e-texts navigator
Collection
Volume
Page
Wylie

34a1 ཅིང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་དོང་ངོ་།། དེ་ནས་ཡངས
34a2 བྱ་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་། བཅའ་བ་གཙང་ཞིང་གསོད་པ་དག་ལ་ལེགས་པར་སྦྱར་ནས། ནང་པར་ལངས་ཏེ་གདན་དག་བཤམས།
34a3 ཤིང་། ཆུར་དག་ཀྱང་བཞག་ནས། བཅོམ་ལྡན་འདས་ལ་བཙུན་པ་གདུགས་ཚོད་སྦྱར་ཏེ་དུས་ལ་བབ་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ
34a4 གསོལ་ཞེས་སྤྱན་འདྲེན་གྱིས་སྤྱན་དྲངས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་གསོལ་ཏེ། ལྷུང་གཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཡོངས
34a5 སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་བཀད་ས་ག་ལ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི
34a6 དགེ་འདུན་གྱི་གུང་ལ་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ།། དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག
34a7 འཚལ་ཏེ། ཕྱོགས་ཅིག་དུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ། རབ་ཏུ་མང་པོ་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ
34a8 ཏོ།། ཚོང་པ་དག་གལ་ཏེ་ཁྱེད་ཅག་དགོན་པར་སོན་པ་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན




iiif viewer powered by OpenSeadragon

33b - 34b

Texts on this page

F376 - mdo chen po rgyal mtshan mchog ces bya ba