e-texts navigator
Collection
Volume
Page
Wylie

9'b1 འདོད་པ་རྣམས་ནི་བཤད་པས་ཡོངས་སུ་གང་བའི་རོ་ལྟ་བུ་ཞེས་དེ་ལྟར་སོ་སོར་ཡང་དག་པར་སློབ་པོ།། དེ་དག་ནི་བྱིས་པ་ཕྱར་བའི་སྤྱོད་ཡུལ་ཡིན་ཏེ། ཤ་རིའི་བུ་བུད་མེད་ལ་སྟེན་པ་དང་བསྟན་པས་མཆོགོ།
9'b2 ཤི་རིའི་བུ་བུད་མེད་ཀྱི་ལུས་ཕྱི་ས་དང་། འཆི་ལ་མས་ཡོངས་སུ་གང་བ་དེ་ལ་སུ་ཞིག་དགའ་སྟེ། ཤ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རུལ་པ་དང་འདྲ་བར་བྱ་བ་ཡིན་ནོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར
9'b3 ན་ཁྱི་རོ་རུལ་པ་མི་གཙང་བ་རུལ་པའི་དྲེ་ང་བ་ལ། མདོག་མི་སྡུག་ཅིང་སྔོ་ལ་ལྤགས་པ་མུགས་པ། སྲོག་ཆགས་ཀྱི་ཡོངས་སུ་གང་བ་ཞིག་ལམ་ཁ་ན་སྣང་ལ། དེའི་སྟེང་ན་ཆར་པ་ཡང་བབ་ཅིང་།
9'b4 དེ་རླུང་གིས་ཀྱང་ཀུན་ནས་བཏག་དེར་མི་རྣམས་ཀྱང་ཀུན་ནས་འཁོད་པར་གྱུར་ཏེ། དེ་དག་གི་དྲི་དེ་ཚོར་བ་ན། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། མི་དེ་དག་དྲི་མི་ཞིམ་པ་དེ་སྣོམ་པར་བྱེད་དམ། འོན་ཏེ་མི
9'b5 སྣེམ། གསོལ་པ། བཅོམ་ལྡན་འདས་དོ་ནི་མ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཤི་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་འདི་ཇི
9'b6 སྙམ་དུ་སེམས། ཁྱི་རོ་དེ་ལ་རེག་པར་བྱེད་དམ། སྐྱོད་པར་བྱེད་དམ། མངོན་པར་དགའ་བར་བྱེད་ན། དེ་སྐྱེ་བོ་མང་པོས་བསྔགས་པར་བགྱིད། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན
9'b7 འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མི་དེ་ནི་ལྟ་བར་དགའ་སྟེ། དེ་ལྟ་སྔགས་པར་ག་ལ་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས




iiif viewer powered by OpenSeadragon

9'a - 10a

Texts on this page