| e-texts navigator |
| Wylie |
9'a1 @། ཤ་རིའི་བུ་རློམས་སེམས་སུ་བྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་ཕུང་པོར་འགྱུར་རོ།། ཤ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་ཚུལ
9'a2 ཁྲིམས་ཀྱི་ཉེས་པ་ཡིན་ཏེ། བཅུ་གང་ཞེ་ན། ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱི་ཚེ་གདུང་བར་འགྱུར་བ་དང་། དགེ་སློང་ཚུལ་ཁྲིམས་ཉམས་པར་འགྱུར་བ་དང་། མནར་མེད་པར
9'a3 འགྲོའོ་ཞེས་འཁོར་གྱི་ནང་དུ་འདུག་ན་སྐྲག་པ་དང་། བདག་ཉིད་ཚུལ་ཁྲིམས་ལ་བསྐུར་པ་འདེབས་པ་དང་། བདག་ནི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ཉན
9'a4 ཐོས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ལྷ་རྣམས་ཀྱི་ཡོངས་སུ་སྤངས་པའོ་སྙམ་པ་དང་། འཆི་བའི་ཚེ་འཇིགས་པ་དང་བཅས་པ་དང་། ངན་འགྲོར་འགྲོ་བ་དང་། མིའི་ལུས
9'a5 ཐོབ་པར་དཀའོ།། ཤ་རིའི་བུ་དེ་དགེ་སློང་ཚུལ་ཁྲིམས་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་སྟེ། ཚུལ་ཁྲིམས་འཚལ་པ་ནི་འཆི་བའི་དུས་ཀྱི་ཚེ། གདུང་བ་འབྱུང་བར་འགྱུར་རོ།། ཤ་རིའི་བུ་དེ་ལྟ་བ།
9'a6 ན་འདོད་ཆགས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ།། ཤི་རིའི་བུ་འདི་ལ་དགེ་སློང་དགོན་པ་ན་གནས་པོ་འམ། ཤིང་དྲུང་ན་གནས་པ་འམ། ཁང་སྟོང་ན་གནས་པ་འམ། བླ་གབ་མེད་པ
9'a7 ནགནས་པ་འམ། འདོད་པ་རྣམས་ནི་དྲིང་བའོ།། འདོད་པ་རྣམས་ནི་མི་ཐུན་པའོ།། འདོད་པ་རྣམས་ནི་རྨ་ཁ་ལྟ་བུའོ།། འདོད་པ་རྣམས་ནི་ལྟ་བར་མི་འོས་སོ།། འདོད་པ་རྣམས་ནི་སྨད་པའོ།།