e-texts navigator
Collection
Volume
Page
Wylie

15b1 ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་ད་ནམ་ཡང་མངོན་པར་ཤེས་པར་དང་བྲལ་བར་མི་འགྱུར། ནམ་ཡང་མཚན་དང་བྲལ་བར་མི་འགྱུར། ནམ་ཡང་གཟུགས་དང་བྲལ་བར་མི་འགྱུར། ནམ་ཡང
15b2 དབང་པོ་མ་ཚང་བར་མི་འགྱུར། ནམ་ཡང་སྒྲ་དབྱངས་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར། ནམ་ཡང་རྔའི་སྒྲ་དབྱངས་དང་བྲལ་བར་མི་འགྱུར། ནམ་ཡང་སྤྲིན་གནས་དང་། ཕྱིར་མི་ལྡོག
15b3 པ་དང་བྲལ་བ་རེ་མི་འགྱུར། ནམ་ཡང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་བྲལ་བར་མི་འགྱུར། ནམ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར་རོ།། ཤ་རིའི་བུ
15b4 བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཤ་རིའི་བུ་བུད་མེད་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་།
15b5 རབ་ཏུ་འདོན་པ་དང་། ཀན་ཆུབ་པར་བྱེད་དེ། བུད་མེད་ཀྱི་དངོས་པོ་ལན་གཉིས་ཐོབ་པར་འགྱུར་བ་དེ་ནི་གནས་མེད་དེ། སྨོན་ལམ་གྱི་དབང་གིས་ལེན་པ་ནི་མ་གཏོགས་སོ།། ཤ་རིའི་བུ
15b6 གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་།
15b7 ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་རྒྱལ་པོས་འཇིགས་པར་འགྱུར་བ་འམ། རྐུན་པོས་སམ།




iiif viewer powered by OpenSeadragon

15a - 16a

Texts on this page

F354 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo