e-texts navigator
Collection
Volume
Page
Wylie

13b1 ཞི་བ། དུལ་བ་དང་། ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་བའི་གནས་དམ་པ་བརྙེས་པ། དབང་པོ་བསྲུངས་ཤིང་ཐུལ་བ། གླང་པོ་ཆེ་ཤིན་ཏུ་དུལ་བ་ལྟ་བུ་མཚོ་ལྟར་དངས་ཞིང
13b2 རྙོག་པ་མེད་གྲགསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དག་གིས་སྐྲ་ལེགས་པར་བརྒྱན་པ། གསེར་གྱི་ཁ་དོག་ལྟ་བུའི་སྐས། ཉི་མ་དང་། ཟླ་བའི་གཟི་བརྗིད་ཟིལ་གྱིས
13b3 མནན་ཏེ་བཞུགས་པ། སྤྱོད་ལམ་བརྒྱ་སྟོང་དུ་མ་དང་ལྡན་པ། སྐུ་མདོག་བལྟ་བས་ཆོག་མི་ཤེས་པ་གད་བའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན
13b4 འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། ཚེ་དང་ལྡན་པ་ཤ་རིའི་བུས།
13b5 བཅོམ་ལྡན་འདས་དེ་བཞིན་ནོ།། ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་སངས
13b6 རྒྱས་ཀྱི་ཞིང་འདི་ནས། ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན
13b7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཡོངས་སུ་བསྒྲགས་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞེས་བཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤ་རིན




iiif viewer powered by OpenSeadragon

13a - 14a

Texts on this page

F354 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo