| e-texts navigator |
| Wylie |
12b1 སྟོང་གི་སྒྲ་དག་ཀྱང་བྱང་། ལྷའི་མེ་ཏོག་མན་ད་ར་བ་དང་། མན་དར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོའི་མེ་ཏོག་གི་ཆར་ཡང་བབ་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།
12b2 མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ཐམས་ཅད་མེ་ཏོག་གིས་ཆལ་པར་གང་བར་གྱུར་ཏོ།། དེ་ནས་དེའི་མོད་ལས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི
12b3 གསེར་གྱི་ཁ་དོག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་ནས་དེའི་མོད་ལ། ཤར་ཕྱོགས་ནས་པད་མ་སྡོང་པེ་ནི་གསེར། མདབ་མ་ནི་དངུལ། ཟེ་འབྲ་ནི་བཻ་ཌཱུརྱ། སྙིང་པོ་ནི་རྡོའི་སྙིང་པོ་ལས
12b4 གྲུབ་པ། བརྒྱད་གཅིག་བྱང་བར་གྱུར་ཏེ། པད་མའི་སྙིང་པོ་ཐམས་ཅད་ཀྱི་སྟེང་ན། སེང་གེའི་ཁྲི་གྲུབ་བཞི་པ། རྩ་བ་བཞི་ཟུག་པ། བཀྲ་བ་བལྟ་ན་སྡུག་པ། དྲི་དང་ལྡན་པ་ཡིད་དུ་འོང་བ།
12b5 དར་གྱི་ལྡ་ལྡི་སྤངས་པ། པོག་བོར་ནས་སྤོས་དྲི་ཤིན་ཏུ་བདུགས་པ། རིན་པོ་ཆེ་སྣ་ཚོགས་དུ་མ་དག་གིས་ལེགས་པར་བརྒྱན་པ། དྲིལ་བུ་གཡེར་ཀའི་དྲ་བ་དམ་འཁོལ་བ། རིན་པོ་ཆེ་ད་མའི་བླ་རེ
12b6 བྲེས་པ་དག་བྱང་བར་གྱུར་ཏོ།། སེང་གེའི་ཁྲི་ཐམས་ཅད་ཀྱི་སྟེང་ན་དེ་བཞིན་གཤེགས་པའི་སྐ་དག་བཞུགས་པར་ཡང་སྣང་སྟེ། མཛེས་པ། བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ
12b7 ཞི་གནས་ཀྱི་མཆོག་རྙེད་པ། དུལ་བ་དང་ནི་གནས་དམ་པ་བརྙེས་པ། དབང་པོ་བསྲུངས་ཞིང་ཐུལ་པ། གླང་པོ་ཤིན་ཏུ་དུལ་བ་ལྟ་བུ། མཚོ་ལྟར་དངས་ཞིང་རྙོག་པ་མེད་ལ་གསལ་བ།