| e-texts navigator |
| Wylie |
12a1 བང་ས་སཥྚ་བུད་དྷ་ཀ་ན་མ་མཧཱ་ཡ་ན་སུཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།
12a2 སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ
12a3 མགོན་མེད་ཟས་ཀྱི་ཀུན་དགའ་ར་བ་ན། དགེ་སློང་སྟེང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ
12a4 ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏན་པར་བྲེལ་ག་ཤེས་བཞིན་རྣམ་པར་སྡེལ་གཟུང་ཤེ་པ་གླང་པོ་ཆེན་པོ།། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར
12a5 བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱིས
12a6 དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ།། དེའི་ཚེ་ཚེ་དང་ལྡན་པ་ཤ་རིའི་བུ་འཁོར་དེ་ཉིད་དུ་འདུས་པར་གྱུར
12a7 ཏེ་འདུག་གོ།། དེ་ནས་དེའི་མད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་། རྣམ་པ་དྲུག་ཏུ་གཡོས། མ་དཀྲོལ་བར་བར་སྣང་ལས་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ