| e-texts navigator |
| Wylie |
134b1 ནས་སངས་རྒྱས་ཀྱི་ཞིང་གི་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བ་ཞེས་བྱ་བ་ཞིག་ཡོད་དོ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
134b2 དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་དེ་འཚོ་ཞིང
134b3 བ་ཞེས་སོ།། གཞོན་ནུ་དེ་བཞིན་གཤེགས་པ་དེས་དང་པོ་ཐུགས་བསྐྱེད་པ་ནས་བཟུངས་ཏེ།། སངས་རྒྱས་པ་ཉིད་ཀྱི་བར་དུ། བར་ཆད་མེད་པར
134b4 སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུང་། བཟོད་པ་ཀུན་ཏུ་སྟེན། བརྩོན་འགྲུས་བརྩམས། བསམ་གཏན་སྐྲངས། ཤེས་རབ་སྤྲད་དེ།
134b5 ག་ཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེའི་སྐྱེ་བུའི་རྩ་ལ་དེ་ལྟ་བུ་བྱུང་ཡིན་ནོ།། གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ལྷོའི་ཕྱོགས་སུ
134b6 འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ། ཕྱི་ཁྱིམ་ནས་སོང་ཤིག་དང་ཁྱོད་ལ་ཕྱིས་འགྱོད་པ་འམ་འཇིགས
134b7 པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ།། རྣམ་པར་མ་གཡེངས་པས་ཡིད་ལ་བྱེད་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ།།
134b8 དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅང་བ་འདི་བཀའ་སྩལ་ཏོ།། ཡན་ལག་ལྔས་ནི་ཕྱག་འཚལ་ཏེ། བྱིས་ནི་ཁྱིམ་ནས་སོང་ཤིག་དང་།