e-texts navigator
Collection
Volume
Page
Wylie

134a1 དག་པར་རྫོགས་པའི་སངས་རྒྱས་བདུད་ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན་ཞེས་བྱ་བ་དང་ལྟར་བཞུགས་ཏེ། འ
134a2 ཞིང་བཞེས་སོ།། དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ཙམ་གྱིས་སྟོང་གསུམ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་ཀྱི
134a3 ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དེ།། གཞོན་ནུ་དེ་ན་དེ་བཞིན་གཤེགས
134a4 བ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའི་སྐྱེ་བུའི་རྩ་ལ་དེ་ལྟ་བུ་བྱུང་བ་འགའ་ཞིག་གི་ཕྱིར་བྱང་ཤར་གྱི་ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱེད་ཀྱིས་དེ་བཞིན
134a5 གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་པས
134a6 སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིག་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ།། དེ་ནས་བཅོམ
134a7 ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། གང་གི་དང་པོའི་ཐུགས་ཀྱི་ནི།། འདུད་དང་རྣམས་པམ་མཛད་སངས་རྒྱས་དེ།
134a8 དྲན་བཞིན་དུ་ནི་ཁྱོད་སོང་ན། ཁྱོད་ལ་འཇིག་པ་འབྱུང་མི་འགྱུར། གཞན་ནུ་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི




iiif viewer powered by OpenSeadragon

133b - 134b

Texts on this page

F336 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo