e-texts navigator
Collection
Volume
Page
Wylie

132b1 དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་སོང་ན་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་རོ།། དེའི་ཚེ་མ་ཡེང་བར་ཡིད་ལ་བྱས་ན་ཁྱོད་གང་གི་ཕྱིར
132b2 འགྲོ་བའི་བྱ་བ་དེ་འགྲུབ་འགྱུར་རོ།། དེ་ནས་བཅོམ་ལྡན་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། ། རྫོགས་པའི་སངས་རྒྱས་ཐུང་བ་ཆེ།།
132b3 རྗེ་ལ་རབ་ཏུ་ཕྱག་འཚལ་ཏེ།། རྟག་ཏུ་དེ་ནི་མངོན་བྱེད་ཅིང་།། འགྲོ་ན་ཁྱོད་ལ་འཇིགས་མི་འབྱུང་། གཞོན་ནུ་ལྷོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས
132b4 རྒྱས་ཀྱི་ཞིང་དགུ་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་མུན་པ་མུན་ནག་གི་ཚོགས་བཅོམ་པ་ཞེས་བྱ་བ་ཞིག་ཡིད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ
132b5 བ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་སྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་སྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི
132b6 རྒྱལ་པོ་ཞེས་བྱ་བ་ད་ལྷར་བཞུགས་ཏེ་འཚོ་ཞིང་བཞེས་སོ།། གཞོན་ནུ་ཁྱེད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ལྷོ་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ
132b7 བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཞིང་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱིས་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་། ཁྱིམ་ལ་སོགས་པ་ཡིད་ལ་བྱེད
132b8 པ་དང་བྲལ་བ་ཞིག་གིག་རྣམ་པར་མ་གཡེངས་པས་ཡིད་ལ་བྱེད་པ་སོ་སོང་ན། ཁྱོད་བྱང་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་། ཁྱོད་ལ་འཇིག




iiif viewer powered by OpenSeadragon

132a - 133a

Texts on this page

F336 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo