e-texts navigator
Collection
Volume
Page
Wylie

132a1 བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུག་རྩེ་བའི་སླད་དུ།། ཅི་ནས་ཀྱང་བདག་ལ་མི་མ་ལགས་པ་དང་།།
132a2 དྲུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཚེ་བར་མི་བགྱིད་པ་དེ་ལྟར་བདག་ལེགས་པར་བསྲུང་བར་མཛད་དུ་གསོལ།། བསྲུང་བའི་ཆོ
132a3 ག་ཡང་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཤཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན
132a4 ནུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ།། ཞེས་གསོལ་ནས། ཤཱཀྱ
132a5 གཞོན་ནུ་བཞིན་རབ་གསལ་བཅོམ་ལྡན་འདས་ལ་ཉན་པ་དང་།། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་ཤར་ཕྱོགས་ལོགས
132a6 སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཐམས་ཅད་བསྐྱོད་ཞེས་བྱ་བ་ཞིག་ཡོད་དེ།
132a7 དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་སྐྱོང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་སོ།། གཞོན
132a8 ན་ཁྱོད་གང་གི་ཚེ། བྱ་བ་འབའ་ཞིག་གི་ཕྱིར་ཤར་ཕྱོགསུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ། དྲན་པར་བྱས་ཤིང་མདུན




iiif viewer powered by OpenSeadragon

131b - 132b

Texts on this page

F336 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo