| e-texts navigator |
| Wylie |
131a1 འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས
131a2 ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གྱི་ལོ
131a3 ཚ་བ་བན་དྷེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ། སྐད་བསར་བཅད་ཀྱིས་བཅོས་ནས་གཏན་པ་ཕབ་པ།།
131a4 རྒྱ་གར་སྐད་དུ། ཨརྱ་ད་ཤི་ག་ཨན་དྷ་ཀ་ར་བཱི་ངྒ་ན་ས་ན་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ
131a5 ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
131a6 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཀྱ་རྣམས་ཀྱི་ནང་ན།། སེར་སྐྱའི་གནས་ཤིང་ནྱ་གྲོ་དེའི་ཀུན་དག་པ་ར་བ་ན། དགེ
131a7 སློང་ཉིས་ངརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་ཐབས་ཅིག་ཏུ་བཞུགསོ།།
131a8 དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཆེ། ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ནས། དགེ་སློང་གི་དགེ་འདུན་གྱི་ཡོངསུ་བསྐོར་ཅིང་། དགེ