| e-texts navigator |
| Wylie |
111a1 བསྐོར་བ་བྱས་ན་ནི།། དེ་ནི་ངེས་པར་རྟག་ཏུ་ཡང་།། འཐུན་པའི་དོན་ཀུན་ཐོབ་འགྱུར་ཞིང་།། དོན་མིན་རྣམས
111a2 ནི་སྤང་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། དེ་ནི་ལེ་ལོ་མེད་འགྱུར་ཞིང་།། རྟག་ཏུ
111a3 བག་ཡོད་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། བརྩོན་འགྲུས་བསྟན་ཞིང་འཐུ་བསྟན་ལ།། བརྟན་ཞིང་རྣམ་པར་གནོན་བསྟན་དང་།།
111a4 དེ་ནི་མྱུར་དུ་མཁས་པར་འགྱུར།། མེ་དང་དུག་དང་མཚོན་གྱིས་ནི།། ནམ་ཡང་འཆི་དུས་བྱེད་མི་འགྱུར།། མཁས་པ་ཚེ་ནི་རྫོགས་རྫོགས་སུ། ཁྲད
111a5 པར་བྱས་ནས་འཆི་དུས་བྱེད།། མཆོད་རྟེན་བསྐོར་བ་བྱས་ན་ནི།། ཕོ་བྲང་འཁོར་དང་ཡུལ་འཁོར་དང་།། གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་།། གཟུགས
111a6 ཀྱིས་ཁྱད་པར་འཕགས་འགྱུར་ལ།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཆེ།། དེ་ནི་འདོད་པ་མི་རྟེན་ཅིང་།། ལུས་ཀྱང་གཙང་ལ་གོས་གཙང
111a7 ཞིང་།། གཙང་མའི་ཆོས་ལ་གནས་པར་འགྱུར།། བློ་གྲོས་རྣམ་པར་དག་པ།། བྱང་ཆུབ་སེམས་དཔའི་ཐེགས་པ་ལ་ཡང་དག་པར་ཞུགས་པ
111a8 གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས། དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ངས་ལ་གཅུགས་ནས་ཕྱག་འཚལ་ཞིང་། དེ་བཞིན