| e-texts navigator |
| Wylie |
109b1 རྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་མཐོའ་ཞིང་རིགས་ཆེ་བ་དང་། བཅས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཡིད་ལ་བྱེད་པ་དང་།
109b2 ཕྱི་མའི་དེས་ན་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས
109b3 བརླབས་པར་འགྱུར་བ་སྟེ། བློ་གྲོས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དངལྡན་ན་བདུད་དམ་བདུད་གྱི
109b4 རིས་གྱིས་ལྷའི་བུ་རྣམས་ཀྱིས་མི་རྫི་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། སྲོག་ཆག
109b5 ཀུན་ལ་ཕན་པའི་ཕྱིར། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། འཇིག་རྟེན་མགོན་གྱིས་མཆོད་ལྱཱ། སུ་ཞིག་བསྐོར་བ་བྱེད་པ་ནི། ཆེ་རབས
109b6 དག་ནི་ཐམས་ཅད་དུ། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། དྲན་དང་ལྡན་ཞིང་བློ་གྲོས་ལྡན། བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར།
109b7 མཆོད་རྟེན་བསྐོར་བ་བྱས་ན་ནི། ཚེ་རབས་དག་ནི་ཐམས་ཅད་དུ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར།
109b8 ངས་ནི་གང་དག་བསྟན་པའི། མི་ཁོམས་བརྒྱད་པོ་དེ་དག་སྤོངས། སངས་རྒྱས་འབྱུང་བ་རབ་མཛེས་པ། མཉེས་པར་བྱེད་འདི་དལ་བ་གཅིག།