e-texts navigator
Collection
Volume
Page
Wylie

106a1 དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། གནས
106a2 བསྟན་འོད་བསྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་འདི་དག་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་བླང་བ
106a3 དང་། བཟུངས་པ་དང་། བཤད་པ་དང་། ཀུན་ཆུབ་པར་བྱེད་པའི་ཕྱིར་ཁྱེད་ལ་བཏད་དོ།། ད་ནི་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས
106a4 འདས་འགྱུར་གྱིས། དེའི་ཕྱིར་ཁྱེད་ཀྱི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བའི་ཆོས་ཀྱི་རྣམས་གྲངས་འདི་གནས་པར་གྱིས་ཤིག
106a5 བྱམས་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུངས་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ
106a6 གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུངས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད་ཀྱིས
106a7 ཆོས་ཀྱིས་རྣམ་གྲངས་འདི་བཞི་པ་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བཟུངས་ཤིག། བཅོམ་ལྡན་འདས
106a8 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན




iiif viewer powered by OpenSeadragon

105b - 106b

Texts on this page

F334 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo