| e-texts navigator |
| Wylie |
105b1 བསྟོད་པ་དང་། བསྡིག་པར་བྱེད་པ་དེས་ཀྱང་བསྙེམས་པ་མེད་པ་ཡིན་ཏེ། ལྷའི་བུ་བྱང་ཆུབ་སེམས་དཔའི་དྲེགས་པ་བཅུ་པོ་དེ་དག་གིས་མི་སྙེམས་སོ།།
105b2 རབ་ཏུ་མི་སྐེམས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ། ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ
105b3 ཁྱོད་ཕྱོགས་གང་ན་གནས་པ་དང་། ཆོས་ཀྱི་རྣམས་གྲངས་དེ་གང་ན་སྤོང་བ་དེ་ནི་སངས་རྒྱས་འབྱུང་བར་ལྷའོ།། དེ་ན་ནི་ཆོས་ཀྱི་འཁོར་ལོ
105b4 བསྐོར་བར་ལྷའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། ལྷའི་བུ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ།། ཕྱོགས
105b5 གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་དེ་ནི་སྟོང་པ་མ་ཡིན་པར་མངོན་ནོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤོད་པར་གྱུར་པ་དེ་ན། དེ་བཞིན
105b6 གཤེགས་པ་ཆོས་ཀྱི་བདག་པོ་ཉིད་བརྩོན་པར་མཛད་དོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད། མོས་པར་བྱེད་པའི་སེམས་ཅན་དེ་དག་ནི་ངའི
105b7 ཡིན་པར་འགྱུར་རོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པས་འདུལ་བར་ལྟའོ།། གང་དག
105b8 ཀྱི་རྣམ་གྲངས་འདི་འཛིན་པ་དང་། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་ནི་བླ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ།།