e-texts navigator
Collection
Volume
Page
Wylie

105a1 བླང་བར་བསྐུལ་བ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ
105a2 སྨིན་པར་བྱེད་པའི་ཆོས་ནི་སུམ་བཅུ་རྩ་ལྔ་པ་དེ་དག་གོ།། ལྷའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བྱས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོག
105a3 པའི་བྱང་ཆུབ་ལས་བསྐྱོད་དུ་མེད་པ་ཡིན་ཏེ། དེ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཐུལ་བར་མི་ནུས་སོ།། དེ་ནི་ཕྱིན་ཆད་ཀྱང་བྱང་ཆུབ་སེམས་དཔའི་དྲེགས
105a4 པ་བཅུས་དྲེགས་པར་མི་འགྱུར་རོ།། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། ཐོས་པས་དྲེགས་པ་དང་། སྤོབས་པས་དྲེགས་པ་དང་། རྙེད
105a5 པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་དྲེགས་པ་དང་། དགོན་པར་གནས་པར་དྲེགས་པ་དང་། སྤངས་པའི་ཡོན་ཏན་དང་། ཡོ་བྱད་བསྲུངས་པས
105a6 དྲེགས་པ་དང་། གཟུགས་དང་ལོངས་སྤྱོད་དང་། གཡོག་འཁོར་གྱིས་དྲེགས་པ་དང་། བརྒྱ་བྱིན་གྱི་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་བསྙེན
105a7 བསྐུར་བྱེད་པས་དྲེགས་པ་དང་། བསམ་གཏན་དང་། དབང་ཕྱུག་དང་། མངོན་པར་ཤེས་པས་དྲེགས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང
105a8 བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་འདོང་བ་དང་།




iiif viewer powered by OpenSeadragon

104b - 105b

Texts on this page

F334 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo