e-texts navigator
Collection
Volume
Page
Wylie

334a1 དག་པར་ཇི་ལྟ་བ་བཞིན་མ་ཚལ་བ་དང་། སྐྱེ་བུ་དམ་པ་དང་ཕྲད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བགྱིད
334a2 པ་དང་། ཆོས་དང་འཐུན་པའི་ཆོས་བསྒྲུབ་པ་མི་སྒྲུབ་པར་འགྱུར་བ་དང་། སྒྲིབ་པ་གང་གིས་སྒྲིབས་ཤིང་གཡོགས་ཏེ། ཀུན་ནས་དཀྲིས་པ་རྣམས་སེམས་ཅན་འདུལ་བ
334a3 དང་། བདག་འདུལ་བ་དང་། གཞན་འདུལ་བ་དང་། གཉི་ག་འདུལ་བ་དང་། འཇམ་པོས་འདུལ་བ་དང་། ཁྲོ་བོས་འདུལ་བ་དང་། བཏང་སྙོམས་ཀྱིས་འདུལ་བ
334a4 དང་། སྡིགས་པས་འདུལ་བ་དང་། བགྲད་པས་འདུལ་བ་དང་། སྨད་པས་འདུལ་བ་དང་། སྟེན་པ་དང་། སྟེན་པ་དང་། བསྙེན་བསྐུར་བྱ་བས་འདུལ་བ་དང་། ཆོས
334a5 བཤད་པས་འདུལ་བ་དང་། འཛུམ་བསྟན་པས་འདུལ་བ་དང་། ནང་དུ་ཡང་དག་འཇོག་གིས་འདུལ་བ་དང་། སྤངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པས་འདུལ་བ་དང་།།
334a6 སྦྱིན་པས་འདུལ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པས་འདུལ་བ་དང་། དད་།
334a7 པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། སྒོམ་པས་འདལ་བ་དང་། འདུལ་བས་གང་དག་གིས་སེམས་ཅན་གྱི་ཁམས་འདུལ
334a8 བར་འགྱུར་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཚལ་བ་དང་། ཚུལ་ཁྲིམས་ཀྱི་རྒྱུ་མི་འབྱུང་། ཏིང་ངེ་འཛིན་གྱི་རྒྱུ་དང་། དམིགས་པའི་རྒྱུ་དང་། བསམ་གཾ་ཏཿ




iiif viewer powered by OpenSeadragon

333b - 334b

Texts on this page

F329 - 'phags pa 'gro ba thams cad yongs su skyob par byed pa zhes bya ba'i yongs su bsngo ba