| e-texts navigator |
| Wylie |
333b1 དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་སྡིག་པ་ཐམས་ཅད་སོ་སོར་བཤགས་སོ།། བསོད་ནམས་ཐམས་ལ་རྗེས་སུ་ཡི
333b2 རང་ངོ་།། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ།། བསོད་ནམས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས
333b3 ཐོབ་པར་བགྱི་བའི་སྲན་དུ། ཡོངས་སུ་བསྔོ་བར་བགྱིའོ།། བདེན་པ་དང་བདེན་པའི་ཚིག་གང་གིས་བདེན་པ་གསུང་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ
333b4 བའི་རྩ་བ་ཡང་དག་པ་ཇི་ལྟར་ཡོངས་སུ་བསྔོ་བར་བྱགྱིའོ།། བདེན་པ་དང་བདེན་པའི་ཚིག་དེས་གང་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ཉེས་པ་བྱས་པ་དང་། ལོག
333b5 པར་སྨྲས་པ་དང་། ངན་དུ་བསམས་པ་དང་། མཛད་པ་དེ་ལྟར་ཡོངས་སུ་བསྔོ་བ། ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཤེས
333b6 བྱའི་སྒྲིབ་པ་དང་། སྒྲིབ་པ་གང་གིས་བསྒྲིབས་ཤིང་གཡོགས་ཏེ། ཀུན་ནས་བཀྲིས་པ་དང་། བདག་ཉིད་དང་། གཞན་དག་གིས་བསམ་པ་དང་། བག་ལ་ཉལ་བ་དང་།
333b7 ཁམས་དང་། རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་མཚལ་བ་དང་། དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་དང་། དགེ་བ་དང་། མི་དགེ་བའི་ཆོས་ཡང་དག་པར
333b8 ཇི་ལྟ་བ་བཞིན་མ་ཚལ་བ་དང་། ཁན་མ་ཐོ་བ་དང་། བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་ཡང