| e-texts navigator |
| Wylie |
333a1 གནམ་ཞིང་། སྩོགས་པ་དང་། མི་གཙང་བ་ཟ་བར་འགྱུར་རོ།། དེ་ལྟ་བུའི་སྡུག་བསྔལ་བསྐལ་པ་གྲངས་ཁྲི་སྟོང་དུ་མྱོང་སྟེ། ཐར་པའི་དུས
333a2 མེད་དོ།། རྣམ་པ་ཐར་པར་དཀའོ།། ཤིན་ཏུ་མི་བཟོད་པ་ཡང་བརྗོད་ཀྱི་མི་ལང་ངོ་།། གལ་ཏེ་ལག་པ་ཕོ་མཚན་ལ་རེག་གམ། མོ་མཚན་ལ་རིག་གམ། ལག་པ་མི
333a3 གཙང་བས་དགེ་འདུན་གྱི་ཁ་ཟས་གཙང་མ་ལ་རེག་གམ། དགེ་འདུན་གྱི་ཁ་ཟས་ལ་མི་གཙང་བའི་ནང་དུ་བཅུག་གཱམ། མི་གཙང་བའི་ཁ་ཟས་དགེ་འདུན་ཟར
333a4 བཅུག་ན། དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ནི། ཐམས་ཅད་མིག་ནད་ཀྱི་རིམས་ཀྱིས་བཏབ་པ་དང་། སྡིག་པ་མི་ཤེས་སོ།། ཕྱིན་ཆད་དགེ་འདུན་གྱི་ཁ
333a5 ཟས་གཙང་སྦྲ་བྱ་བ་དང་། ལག་པ་གཙང་མས་དགེ་འདུན་གྱི་ཁ་ཟས་ཀྱི་གནོད་པ་ཟུང་བ་དང་། ལག་པ་གཙང་བས་ཁྲེ་འབྲས་བཀྲུ་བ་དང་། ཁ་ཟས་གཙང་མས།
333a6 སྦྱིན་པ་བྱས་པ་ནི། བསོད་ནམས་བསམ་གྱིས་མི་ཁྱབ་པར་འགྱུར་རོ།། ཕྱིན་ཆད་འདི་ཡོངས་སུ་གྲགས་པ་དང་། མྱུར་བའི་ཡིད་ཀྱི་ཡོངས་སུ་ཟུང་ཤིག། འཚོ་བ
333a7 རྣམ་པར་དག་པའི་མདོ།། རྫོགས་སྷོ།། །། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱོབ་པར་བྱེད་པ་ཞེས་བྱ
333a8 བའི་ཡོངས་སུ་བསྔོ་བ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས