e-texts navigator
Collection
Volume
Page
Wylie

332b1 དྲང་སྲོང་ཆེན་པོ་ཤིང་གི་ཉེས་པ་ཉུང་ངོ་།། སེམས་ཅན་གྱི་ཉེས་པ་ནི་མང་ངོ་།། དྲང་སྲོང་ཆེན་པོ་ཡང་སེམས་ཅན་གྱི་ཁམས་ནི་ཡོངས་སུ་རྟོགས་པས། ཀུན་ནས
332b2 སླང་ངོ་ཞེས་སྨྲའོ།། དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གོའུ་ཏ་མ་དེ་དེ་བཞིན་ཏེ། ཞུ་བ་བརྗོད་པ་འདི་ནི་རྣམ་པར་དག་གོ། ཅིའི་སླད་དུ་སྐལ་པས་བསྲེག་པར་གྱུར
332b3 པ་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་སྐལ་པས་བསྲེགས་པར་འགྱུར་རོ།།
332b4 དྲང་སྲོང་ཆེན་པོ་གལ་ཏེ་སྐལ་པས་བསྲེག་པར་མི་འགྱུར་ན། ཆོས་ཀྱི་དབྱིངས་གཉིས་སུ་འགྱུར་ཏེ། ལ་ལ་མི་རྟག་ལ་ལ་རྟག་པར་འགྱུར་རོ།། འདི་ཚེ་དེ
332b5 བཞིན་གཤེགས་པ་བདེན་པ་སྦ་བར་མི་འགྱུར་རོ།། དྲང་སྲོང་ཆེན་པོ་གང་གི་ཕྱིར་འདི་ཐམས་ཅད་རྟག་པ་མ་ཡིན་རྟེན་པ་མ་ཡིན། དབུགས་ཕྱིན་པ་མ་ཡིན་པ
332b6 དེའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་ཐོབ་པོ།། དྲང་སྲོང་ཆེན་པོས་བྲམ་ཟེའི་ཁྱེའུ་ལ་སྨྲས་པ། འདི་ཐམས་ཅད་མཁྱེན
332b7 པར་མཚན་གསོལ་བ་ནི་མཐུན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་གལ་ཏེ་སྐལ་པས་བསྲེགས་པར་མ་གྱུར་ན། འདི་ནི་དུས་བཟང
332b8 པོའོ།། འདི་ནི་དུས་ངན་པའོ་ཞེས་བྱ་བར་དུས་ཐ་དད་པ་མེད་པར་འགྱུར་རོ།། དྲང་སྲོང་ཆེན་པོས་གལ་ཏེ་ཡང་བསྐལ་པས་བསྲེག་པར་མ་གྱུར་ན། ལེགས




iiif viewer powered by OpenSeadragon

332a - 333a

Texts on this page

F328 - zas kyi 'tsho ba rnam par dag pa zhes bya ba theg pa chen po'i mdo