| e-texts navigator |
| Wylie |
332a1 མཛད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ངས་ཕྱིན་ཅི་ལོག་དག་བཟློག་པ་ཡང་མེད་འགྲིབ་པར་བྱས་པ
332a2 ཡང་མེད་དོ།། དྲང་སྲོང་ཆེན་པོས་གསོལ་པ། གལ་ཏེ་དེ་ལྟ་ན་ཁྱོད་ཀྱང་དབང་སྒྱུར་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་དེ་བཞིན
332a3 ཏེ། མ་བྱུང་བའི་ཕྱིར་ང་ཡང་དབང་སྒྱུར་མ་ཡིན་ནོ།། དྲང་སྲོང་ཆེན་པོས་གསོལ་པ། གོའུ་ཏ་མའི་སྲས་ཀྱིས་ཕ་མ་འགྲོགས་པ་ལས། སེམས་ཅན་སྐྱེ་བོ་ཞེས་གསུང་ན།
332a4 སེམས་ཅན་མང་དུ་འགྲོགས་པ་ལས། སེམས་ཅན་སྐྱེ་བ་ཉུང་བ་འདི་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལ་དཔེའ་སྙན་པར་བྱའོ།། དྲང
332a5 སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་ས་བོན་གཅིག་ལས་ཤིང་སྐྱེ་བར་འགྱུར་ཏེ། འབྲས་བུ་གཅིག་ལས་ཀྱང་འབྲས་བུ་མཐའ་ཡས་པར་འགྱུར་རོ།། དེ་ལ་རེས་འགའ་ནི་གཅིག
332a6 ས་བོན་གྱི་འོས་སུ་འགྱུར་གྱི། ལྷག་མ་ཚ་ས་བོན་གྱི་འོས་སུ་མི་འགྱུར་བ་དེ་ཇི་ལྟ་བུ། དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གོའུ་ཏ་མ་རླུང་དང་ཉི་མས་ཤིང་ཐོགས་རྣམས
332a7 མརུངས་པར་བགྱིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། ལུས་ཀྱི་རླུང་གིས་ཀྱང་སེམས་ཅན་གྱི་འབྲས་བུ་རྣམས
332a8 མ་རུང་བར་བྱས་སོ།། དྲང་སྲོང་ཆེན་པོ་ཁ་ཅིག་ནི་མངལ་ན་གནས་པ་ཉིད་ཀྱི་ཚེ། སྲིན་བུ་རྣམས་ཀྱིས་ཟོས་སོ།། ཁ་ཅིག་ནི་ལས་ཀྱི་རླུང་རྣམས་ཀྱིས་ཕྱེ་མར་བྱས་སོ།།