| e-texts navigator |
| Wylie |
331b1 ཏུ་གུས་པར་སྦྱར་ལ། ལག་པ་ཤིན་དུ་དག་པར་བཀྲུས་ནས། ཚོད་མ་ལ་སོགས་པ་དྲོད་པག་ཏུ་སྦྱར་རོ།། ཤིན་དུ་གབ་པ་དང་། རིམ་གྲོ་བསྐྱེད་དེ། དེ་དག་ཀྱང
331b2 སྔར་མྱང་བར་མི་བྱའོ།། དེས་བསོད་ནམས་སུ་གྱུར་ཅིང་། ལྷ་ཐམས་ཅད་ཀྱང་དགྱེས་པར་འགྱུར་རོ།། གཉེན་པོ་ཐམས་ཅད་དགའ་བར་འགྱུར་རོ།། ལྔ་ལ་སོ།
331b3 པ་ཐམས་ཅད་ཀྱིས་ཀྱང་བསྲུང་ཞིང་། བྱིན་གྱིས་རློབས་པར་འགྱུར་ཏེ། ཡང་དག་པར་སྨྲ་བར་བསོད་ནམས་རྣམ་པར་སྨིན་པ་དེ་ནི། བྲག་ཆ་དང་། གཟུགས་བསྟན་བཞིན་ནོ།།
331b4 དེ་ལྟར་འདྲེ་ལྟོགས་པ་ནི་ཐོག་མར་མི་ལས་གྱུར་ཏེ། ཐོག་མ་ལག་པ་མི་གཙང་བར་དགེ་འདུན་གྱིས་ཁ་ཟས་གཙང་མ་ལ་རེག་པ་དང་། བདག་གི་ལག་པ་མི་གཙང་བས།
331b5 དགེ་འདུན་གྱིས་ཁ་ཟས་གཙང་མ་ལ་བསྡོགས་སམ། གཙང་མའི་ནང་དུ་ཁ་ཟས་མི་གཙང་བས་བསེས་ཏེ། དགེ་འདུན་ལ་སྦྱིན་པ་བྱས་པས། ཚེ་རབས་ལྔ་བརྒྱ་འདྲེ
331b6 ལྟོགས་པར་ལྟུང་སྟེ། རྟག་ཏུ་མི་གཙང་བ་ཟ་ཞིང་། སྣམ་ཕྱའི་སར་མི་གཙང་བ་ཟ་ཞིང་། སྟྭཾ་ཕྱིའི་སའི་ས་སྲུང་སཾ། ལྕགས་ཀྱི་བེ་རྒས་བསོད་དེ། འདྲེ་ལྟོགས་པ་དེ་སྣུམ
331b7 ཕྱི་བའི་སར་མི་སྙན་པར་བྱེད་དོ།། མིའི་ཁྲག་དང་། མཆིལ་སྣབས་དང་། ངར་སྣབས་དང་། ཁྲུང་མ་མི་གཙང་བ་ཟ་ཞིང་། མི་གཙང་བ་བསྲུང་ཞིང་། བུད་མེད
331b8 བུ་བཙས་པའི་ཁྲག་མི་གཙང་བ་ཟ་བར་འགྱུར་རོ།། དེ་ནས་ཚེ་རབས་ཁྲི་ཕྲག་ལྔ་བརྒྱར་ཁྱི་དང་། ཕག་པ་དང་། སྦུར་པ་ལ་སོགས་པའི་ལུས་སུ་གྱུར་ན། རྟག་པར