e-texts navigator
Collection
Volume
Page
Wylie

331a1 དྲུག་བཅུར་འདྲེ་ལྟོགས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེའི་སྦྱིན་པ་ནི་ཤིན་ཏུ་ལྕི་བ་སྟེ། ཉེས་ན་ལྕགས་ཀྱི་ཐུ་ལུམ་ཟོས་ཀྱང་བླའོ།།
331a2 ཡོན་བདག་དད་པ་ཅན་བྱི་ཟས་ནི་ཤིན་དུ་འཇུ་དཀའ་སྟེ། ཤིན་དུ་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་ཏེ། ཚེ་རབས་ཁྲི་ཕྲག་བརྒྱར་འདྲེ་ལྡོགས་པའི་དངོས་པོར་འགྱུར་རོ།།
331a3 བསོད་ནམས་ཀྱི་ཟས་ནི་བྱའོ་ཅོག་ལ་ནན་ཏན་ཆེས་བྱོས་ཤིག། རྣམ་ཕྲག་གམ། པུ་རུང་གི་ནང་དུ་ཁྱེར་བ་བྱས་ན། ཚེ་རབས་བརྒྱར་དམྱལ་བར་བྱུང་སྟེ། ལྕགས་ཀྱི་བུ
331a4 ལུམ་དམར་པོ་མཚན་ཁུང་གཡོན་པ་ནས་ཐལ་ཏེ། མཚན་ཁུང་གཡས་པར་ཐལ་ལོ།། ལྷག་མ་མི་བཀུར་བར་བྱོས་ཤིག། དྲུང་ངུ་ན་ཁྱེའུའི་འབྲུ་ཙམ་ཞིག་ཁྱེར་ན།
331a5 ལྕགས་ཀྱི་འཁོར་ལོ་ཙམ་དུ་འགྱུར་རོ།། དགེ་བསྙེན་གང་ཡང་རུང་སྟེ། བསོད་སྙོམས་ཀྱི་ཟས་སྦྱོར་རོ་ཅོག་ལ་ཐོག་ནས། ས་མྱང་བའི་བག་མི་བྱའོ།། དེ་མྱངས་པས
331a6 སྦྱར་བ་ཐམས་ཅད་ལྷག་མའི་ལྤགས་པར་འགྱུར་ཏེ། བྱས་པ་དོན་མེད་པར་འགྱུར་རོ།། ཉིས་ནམ་བྱས་པ་བླའོ།། དེ་ཅིའི་ཕྱིར་ཞེ་ན། ཟླ་ཐམས་ཅད་མི་དགྱེས་པར་འགྱུར
331a7 རོ།། མཉན་པོ་ཐམས་ཅད་མི་དགའ་བར་འགྱུར་རོ།། གང་གིས་མྱངས་པ་ཞིག་ཡོད་ན། ཚེ་རབས་ལྔ་ཁྲིར་འདྲེ་ལྟོགས་པར་འགྱུར་རོ།། སྡུག་བསྔལ་མི་བཟད་པ
331a8 སྣ་ཚོགས་པ་ཡང་མྱོང་བར་འགྱུར་རོ།། གང་ཞིག་ཕྱིན་ཆད་བསོད་ནམས་འདོད་པ་དེས། ཚུལ་བཞིན་དུ་བསོད་ནམས་ཀྱི་ཟས་གཙང་སྦྲས་ཆེད་པ་དང་། ཤིན




iiif viewer powered by OpenSeadragon

330b - 331b

Texts on this page

F328 - zas kyi 'tsho ba rnam par dag pa zhes bya ba theg pa chen po'i mdo