| e-texts navigator |
| Wylie |
330b1 སྒྲ་འབྱུང་སྟེ། དེ་ཡང་མི་བཟད་པའི་གཞོབ་ཀྱི་དུད་པས་ཀུན་དུ་འཐུལ་ལོ།། དེ་ཅིའི་དངོས་པོ་ལགས་པ་དང་། ཅི་ལས་གྱུར་པ་བཅོམ་ལྡམ་འདས་ཀྱིས་བཀའ་སྩལ
330b2 དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེའུ་འགལ་གྱི་བུ་དེ་དག་ནི་འདྲེ་བཀྲེན་ལྟོག་པ་ཡིན་ཏེ། སྔོན་འདས་པའི་དུས་ན། ཆོས་སྟོན་པ་ཤིག།
330b3 བ་དང་། ཆོས་སྟོན་སྦྱར་བ་བཤིག་པས། དེ་ལྟ་བུའི་སྡིག་པའི་རྣམ་པར་སྨིན་པ་ཡིན་ནོ།། ཡང་ཅིག་ཏུ་ན་གཞན་གྱིས་ཆོས་སྟོན་ཟོས་ནས། ཟས་ཅིག་པར་མ་བྱས
330b4 པའི་སྡིག་པའི་རྣམ་པར་སྨིན་པ་དེ་ཡིན་ནོ།། ཆོས་སྟོན་ལྷག་མ་ཟ་ཅིག་པར་མི་བྱེད་པ་ལ་མ་བྱིན་ཅིག། ཡོན་བདག་གིས་ལྷག་མ་རྣམས་དགེ་འདུན་ལས་སྦགས་པའི
330b5 གསོལ་བ་གྱིས་ལ། བཟོད་པར་གསོལ་ཅིག། སྦགས་པའི་ཟས་རྣམས་དགེ་འདུན་རྣམས་ཀྱིས་གནང་བར་བྱིན་ཅིག། གནང་བ་མ་བྱིན་ན། དགེ་འདུན་རྣམས་ཀྱང་ལྟུང
330b6 བར་འགྱུར་རོ།། དེ་ནས་མེའུ་འགལ་གྱི་བུས་གསོལ་པ། བཅོམ་ལྡན་འདས་ནི་ཡང་དག་པའོ།། བཅོམ་ལྡན་འརས་ཀྱིས་བཀའ་སྩལ་པ། ཡོན་བདག་སུ་ཡང་རུང་སྟེ།
330b7 ཆོས་བཞིན་དུ་བསྡུ་བའི་ཕྱིར། མཆོད་པའི་ཡོ་བྱད་འབྱོར་ཚོགས་ཏེ། ཟ་ཅིག་པར་བྱས་པ་རྣམས་ནི། ཟས་ཀྱི་འཚོ་བ་དང་ལྡན་པར་འགྱུར་རོ།། ཁ་ཅིག་པར་མ་བྱས་རྣམས་ནི་ཟས
330b8 དང་མི་ལྡན་པར་འགྱུར་རོ།། དེ་ལྟར་ཉི་མ་གཅིག་ཟ་ཅིག་པ་རྔུབ་པ་ནི། ཉི་མ་དྲུག་ཁྲི་བཟའ་བ་རྣམ་པར་འཕེལ་བར་འགྱུར་རོ།། དེ་ལ་གཅིག་པར་མ་བྱས་ན་ནི། ཉི་མ་ཁྲི་ཕྲག