| e-texts navigator |
| Wylie |
318b1 བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ལ་ལོ་རྣམས་ཀྱི་དུས་བཤད་པར་བྱ་ཡིས་དེ་ལེགས་པར་ཉོན་ཅིག། དགེ་སློང་ཀུན་རྣམས་ཀྱིས་ཟླ་བ་ཕྱེད
318b2 དང་པོ་ལ་ནི། རྐང་པ་བདུན་པ་དེའི་དུས་ཡིན་ལ། སོར་ནི་དམན་པའི་རྐང་པ་ཕྱེད་དང་ལྔ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་དང་གཉིས་པ་ལ་ནི་རྐང་པ་བརྒྱད་འགན་དེའི་དུས་ཡིན་ལ།
318b3 སོར་གྱི་དམན་པའི་རྐང་པ་དྲུག་ནི་དུས་མ་ཡིན་ནོ།། དགུན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་འགན་དེའི་དུས་ཡིན་ལ། སོར་གྱི་དམན་པའི་རྐང་པ་བདུན་ནི་དུས་མ
318b4 ཡིན་ནོ།། ཟླ་བ་ཕྱེད་གཉིས་པོ་ལ་ནི་རྐང་པ་བཅུ་འགན་དེའི་དུས་ཡིན་ལ། སོར་གྱི་དམན་པའི་རྐང་པ་དགུ་པ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་དང་གཉིས་པ་ལ་ནི་རྐང་པ་བཅུ
318b5 འགན་དེའི་དུས་ཡིན་ལ། སོར་གྱི་དམན་པཱི་རྐང་པ་བཅུ་ནི་དུས་མ་ཡིན་ནོ།། དཔྱིད་ཟླ་ར་བ་ཟླ་བ་དང་པོ་ལ་ནི་རྐང་པ་བཅུ་གཅིག་པ་ལ་འགན་དེའི་དུས་ཡིན་ལ། སོར་གྱི་དམན
318b6 པའི་རྐང་པ་དགུ་ལ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་དང་གཉིས་པ་ལ་ནི་རྐང་པ་བཅུ་འགན་དེའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བརྒྱད་ནི་དུས་མ་ཡིན་ནོ།། དགུན
318b7 ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི། རྐང་པ་བཅུ་གཅིག་འགན་དེའི་དུས་ཡིན་ལ། སོར་གྱི་དམན་པའི་རྐང་པ་དགུ་པ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི། རྐང་པ་བཅུ
318b8 པ་གཉིས་འགན་དེའི་དུས་ཡིན་ལ། སོར་གྱི་དམན་པའི་རྐང་པ་བཅུ་ནི་དུས་མ་ཡིན་ནོ།། དཔྱིད་ཟླ་འབྲིང་པོ་ལ་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་འགན་དེའི་དུས་ཡིན་ལ།