| e-texts navigator |
| Wylie |
125b1 པ་སྤྱོད་པ་ན་ཡང་འཁོར་མགུ་བར་སུ་ཡང་མི་འགྲོའོ།། ཀླུའི་བདག་པོ་ཚིག་ཁྱལ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས
125b2 སྤྱོད་མི་འཕྲོགས་པ་དང་། མཉན་པར་འོས་པར་འོས་པའི་ཚིག་ཏུ་འགྱུར། ཡིད་ཆེས་པའི་ཚིག་ཏུ་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤད་པ་སྤྱོད་པ་ན་ཡང་། ཐེ་ཚོམ
125b3 ཐམས་ཅད་སྤྱོད་པ་ལ་ཡང་མཁས་པར་འགྱུར་རོ།། རྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ
125b4 དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ལ་དེའི་སེམས་འགྲོ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། རྒྱ་ཆེན་པོ་ལ་མོས་ཤིང་དབང་ཆེ
125b5 བར་གྲགས་པར་འགྱུར་རོ།། ཀླུའི་བོདག་པོ་གནོད་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་མཛེས་པ་དང་སྐྱེ་བོ་མང་པོ་དགའ
125b6 ཞིང་ཡིད་དུ་འོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐོགས་པ་མེད་བློ་དང་། ཐོགས་པ་མེད་པོའི་སེམས་དང་། དབང་པོ་མ་ཚང་བ་མེད་པར
125b7 འགྱུར་རོ།། ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེན་པོར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། སངས
125b8 རྒྱས་ལ་དད་ཅིང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ།