e-texts navigator
Collection
Volume
Page
Wylie

125a1 དུ་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབས་པས། བླ་ན་མེད་པའི
125a2 ཆོས་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་འདོད་པ་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས
125a3 པ་དང་། ཆུང་མ་མི་གཡེམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། མ་དང་བུ་དང་། ཆུང་མ་ལ་ཡང་སུ་ཡང་སྡང་བའི་སེམས་ཀྱིས་ལྟ་བར་མི་འགྱུརརོ།།
125a4 ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ནོ་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། བཀུར་བ་འདེབས་པ་མེད་པར
125a5 འགྱུར་བའི་ནན་ཏན་བཟུང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སྤྲད་པ་སྤྱོད་པ་ན་ཡང་ཇི་སྐད་སྨྲས་བཞིན་དུ་བྱེད་དོ།། ཡི་དམ་ལ་བརྟན་པར་འགྱུར་རོ།། ཀླུའི་བདག་པོ
125a6 ཕྲ་མའི་ཚིག་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། གཡོག་འཁོར་མི་ཕྱེད་པར་འགྱུར་རོ།། བྱང་ཆུབ
125a7 སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། བསམ་པ་འཐུན་པས་བྱང་ཆུབ་སེམས་དཔའ་གཡོག་འཁོར་ཐོབ་པོ།། ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་བྱང་ཆུབ་སེམས་དཔས
125a8 སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། གཟུངས་པའི་ཚིག་ཏུ་འགྱུར། བཙུན་པའི་ཚིག་ཏུ་འགྱུ་རོ།། བྱང་ཆུབ་སེམས་དཔའི་སྤྱད




iiif viewer powered by OpenSeadragon

124b - 125b

Texts on this page

F314 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo