e-texts navigator
Collection
Volume
Page
Wylie

124b1 དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ་ཆོག་མི་ཤེས་པ་དང་།
124b2 འདོད་པ་ཆེར་འགྱུར་བའོ།། གནོད་སེམས་ཀྱི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམ
124b3 ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། མི་ཕན་པ་འདོད་པ་དང་། གཞན་གྱི་གནོད་པ་བྱ་བར་འགྱུར་བའོ།། ལོག་པར་ལྟ་བས་ནི་སེམས་ཅན་དམྱལ
124b4 བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ།
124b5 ལྟ་བ་ངན་པར་ལྟུང་བ་དང་། གཡོ་སྒྱུ་ཅན་དུ་འགྱུར་བའོ།། ཀླུའི་བདག་པོ་དེ་ལྟར་ན། མི་དགེ་བ་བཅུའི་པོ་དྲག་གིས་སྡུག་བསྔལ་གྱི་ཕུང་པོ་ཚད་མེད་པ་ཡང་དག་པར་བསྒྲུབ་པར
124b6 འགྱུར་རོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་རོ།། ལོངས་སྤྱོད་མི་འཕྲོགས་པ་དང་། ཚེ་རིང
124b7 བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ནི་ཡང་གཞན་གྱི་གནོད་པོ་བྱ་བའི་འཇིགས་པ་ལས་ཡང་དག་པར་འདས་པར་འགྱུར་རོ།། ཀླུའི་བདག་པོ་མ་བྱིན་པ་ལེན
124b8 པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བ་ཅན




iiif viewer powered by OpenSeadragon

124a - 125a

Texts on this page

F314 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo