| e-texts navigator |
| Wylie |
123b1 རྒྱལ་པོ་དབང་པོས་མཆོད་པ་དང་། སྔོན་ཕྲག་དོག་མེད་པ་ལས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་དེ་ལས་སྟོང་ཕྲག་རྒྱ་འགྱུར་དུ་ཁྱད་པར་དུ་འགྱུར་བ་ཐོབ་པོ།། ཀླུའི
123b2 བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུའི་གང་ཟག་ནི། དབང་པོ་ལྔ་པོ་དེ་དག་ཐོབ་པོ།། བརྣབ་སེམས་སྤངས་པའི་དགེ་བའི་རྩ་བ་གལ་ཏེ་བླ་ན་མེད་པ་ཡང་དག་པར
123b3 རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་འཇིག་རྟེན་གསུམ་གྱི་མཆོད་པའི་དེ་བཞིན་གཤེགས་པའི་སྟོན་པ་གཅིག་པུར་འགྱུར་རོ།། ཀླུའི་བདག་པོ།
123b4 གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་ཐོབ་པོ།། བརྒྱད་གང་ཞེ་ན་འདི་ལྟ་སྟེ། དེའི་སེམས་རྣམ་པར་མི་འཆེ་བ་ལ་འགྲོ་བ་པར་འགྱུར
123b5 བ་དང་། དེའི་སེམས་གནོད་སེམས་རབ་ཏུ་ཞི་བ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་བརྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་དྲང་ཞིང
123b6 གཉེན་ངེས་པ་ལ་འགྲོ་བར་འགྱུར་བ་དང་། འཕགས་པའི་སྐྱེ་བོར་གྲགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་བདེ་བར་དགའ་ཞིང་བྱམས་པའི་སེམས་ཕན་པའི་དངོས
123b7 པོ་མང་བར་འགྱུར་བ་དང་། བདེ་བ་ལ་མངོན་པར་དགའ་ཞིང་དང་བ་མང་བ་ལ་སྐྱེ་བོ་མང་པོས་སྟི་སྟང་བྱ་བར་འགྱུར་བ་དང་། སེམས་སྣུམ་ཞིང་ལས་སུ་རུང་བས་ཚངས་པའི
123b8 འཇིག་རྟེན་དུ་སྐྱེ་བ་ཐོབ་པ་མི་དཀོན་པར་འགྱུར་བ་སྟེ། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བ་བྱེད་པའི་ཆོས་བརྒྱད་པོ་དེ་དག་ཐོབ་པོ།། གནོད