e-texts navigator
Collection
Volume
Page
Wylie

123a1 ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། གཡོག་འཁོར་བརྟན་དུ་མི་རུང་བ་དང་། འགྲན་ཟླ་དང་བཅས་པའི
123a2 ཆུང་མར་འགྱུར་བའོ།། བརྫུན་དུ་སྨྲ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣས
123a3 ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། སྐུར་བ་མང་བ་དང་། གཞན་གྱིས་སླུ་བར་འགྱུར་རོ།། ཕྲ་མས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད
123a4 འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། གཡོག་འཁོར
123a5 མི་འདུམ་པ་དང་། གཡོག་འཁོར་ངན་པར་འགྱུར་རོ།། ཚིག་རྩུབ་པོས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ
123a6 ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། ཡིད་དུ་མི་འོང་བ་གཉིས་པ་དང་། ཐབ་མོའི་ཚིག་ཏུ་འགྱུར་བའོ།།
123a7 ཚིག་ཁྱལ་པས་ནི་སེམས་ཅན་དམྱལ་བར་ཁྲོད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་ན་ཡང་།
123a8 རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། བཟུང་བར་འོས་པའི་ཚིག་མ་ཡིན་པ་དང་། མ་ངེས་པའི་སློབ་པར་འགྱུར་བའོ།། རྣབ་སེམས་ཀྱི་ནི་སེམས་ཅན་དམྱལ་བར་ཁྲིད་དོ།།




iiif viewer powered by OpenSeadragon

122b - 123b

Texts on this page

F314 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo