| e-texts navigator |
| Wylie |
122b1 པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དགེ་བའི་རྩ་བ་དེས་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་ཏེ། མངོན་པར་ཤེས་པར་མྱུར་བའི་དེ
122b2 བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནས། བླ་ན་མེད
122b3 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རྩ་བ་དང་རྟེན་ནོ།། བཟློག་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། དེ་དག་ཤས་ཆེར་སྟེན་ཅིང་སྒོམས་ཏེ་མང་དུ་བྱས་ན། སེམས
122b4 ཅན་དམྱལ་བའི་རྒྱུའོ།། འབྲིང་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུའོ།། ཆུང་ངུ་ནི་གཤིན་རྗེའི་འཇིག་རྟེན་གྱི་རྒྱུའོ།། ཀླུའི་བདག་པོ་དེ་སྲོག་གཅོད་པ་སྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན
122b5 སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་ངོ་།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པ
122b6 གཉིས་མངོན་པར་བསྒྲུབ་ཏེ་ཚེ་ཐུང་བ་དང་ནད་མང་བར་འགྱུར་བའོ།། མ་བྱིན་པ་ལེན་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི
122b7 འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་ན་ཡང་། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་སྟེ། ལོངས་སྤྱོད་ཆུང་བ་དང་། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར།
122b8 བའོ།། འདོད་པ་ལ་ལོག་པར་གཡེམ་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས