| e-texts navigator |
| Wylie |
121b1 ཐོབ་པོ།། བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་བདེན་པའི་རྗེས་སུ
121b2 འཇུག་པའི་ཚིག་ཏུ་འགྱུར་ཏེ།། ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་ཐོབ་པོ།། ལྔ་གང་ཞེ་ན་འདི་ལྟ་སྟེ། གཞན་གྱི་གནོད་པའི་འཇིགས་པ
121b3 ཐམས་ཅད་ལས་ཤིན་ཏུ་འདའ་བར་ལུས་མི་ཕྱེད་པ་ཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་དད་པ་མི་ཕྱེད་པ་ཐོབ་པ་དང་། སྒྲུབ་པ་པོའི་སྙིང་པོར་བྱེད་པས་ཆོས
121b4 ལས་མི་ཕྱེད་པ་ཐོབ་པ་དང་། མི་སླུ་བས་མཛའ་བོ་མི་ཕྱེད་པ་ཐོབ་སྟེ། ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི། མི་ཕྱེད་པ་ལྔ་པོ་དེ་དག་ཐོབ་པོ།། ཕྲ་མའི
121b5 ཚིག་སྤངས་པའི་དགེ་བའི་རྩ་བས་དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་གཡོག་མི་ཕྱེད་པའི་དེ་བཞིན་གཤེགས
121b6 པར་འགྱུར་རོ།། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེའི་འཁོར་བྱེ་བར་མི་ནུས་སོ།། ཀླུའི་བདག་པོ་ཚིག་རྩུབ་མོ་སྤངས་པའི་སྐྱེས་བུ་གང་ཟག
121b7 ནི། ངག་གི་ལས་ཡོངས་སུ་དག་པ་བརྒྱད་ཐོབ་པོ།། བརྒྱད་གང་ཞེ་ན་འདི་ལྟ་སྟེ། ཚིག་རན་པ་དང་། བཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་ལ་དགའ
121b8 པའི་ཚིག་དང་། མི་སྨད་པའི་ཚིག་ཡིན་ཏེ། ཀླུའི་བདག་པོ་ཚིག་རྩུབ་མོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་ཐོབ་པོ།། ཚིག་རྩུབ