| e-texts navigator |
| Wylie |
120b1 བས་སྐྱེ་བོ་མང་པོ་དགའ་བ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་མེད་པ་ཡིན་ནོ།། ནོར་འབྲེལ་པ་རྣམས་ལ་ཡིད་རྟེན་དུ་རུང་བ་ཡིན་ནོ།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི
120b2 སྔགས་པ་བརྗོད་ཅིང་། དེ་ལ་ཕ་རོལ་གྱི་གནོད་པའི་འཇིགས་པ་ཐམས་ཅད་མེད་པ་ཡིན་ནོ།། དེའི་དགེ་བ་བརྗོད་པའི་སྒྲ་དང་། ཚིགས་སུ་བཅད་པ་མངོན་པར་འཕགས་པར
120b3 འགྱུར་རོ།། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འཇུག་སྟེ། ཞུམ་ཞུམ་པོ་མེད་པར་འགྱུར་རོ།། ཚེ་དང་སྟོབས་དང་ཁ་དོག་དང་། བདེ་བ་དང་སྤོབས་པ་དང་། ལོངས་སྤྱོད་དང་།
120b4 ཕྱུག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཛིན་པར་འགྱུར་རོ།། དེའི་སེམས་སྦྱིན་པ་ཡང་དག་པར་འགེང་པ་ལ་འགྲོ་བར་འགྱུར་རོ།། ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི།
120b5 འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་ལྟར་མི་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་པོ་དེ་དག་ཐོབ་པོ།། མ
120b6 བྱིན་པ་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཉེ་བའི
120b7 ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གི་མངོན་པར་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།
120b8 ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་སྔགས་པའི་ཆོས་བཞི་ཐོབ་པོ།། བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ