| e-texts navigator |
| Wylie |
119b1 སུ་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྟོག་པའོ།། དེ་དེ་ལྟར་དགེ་བའི་ཆོས་ལ་རབ་ཏུ་རྟོག་པས། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི
119b2 འབྱེད་དོ།། དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས
119b3 རྣམས་དང་འགྲོགས་པ་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་རྣམས་གང་ཞེ་ན། དགེ་བའི་ཆོས་ཤེས་བྱ་བ་ནི། ལྷ་དང་མི་ཕུན་སུམ་ཚོགས་པའི་རྩ་བ
119b4 དང་རྟེན་ནོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བ་དང་རྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་དང་རྟེན་ཏོ།། དེ་ལ་རྩ་བ་དང་རྟེན་གང་ཞེ་ན
119b5 གང་འདི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ།། དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་དང་། འདོད
119b6 པས་ལོག་པར་གཡེམ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། རྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤོང་བའོ།།
119b7 འདི་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་རྩ་བ་དང་རྟེན་ཏོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས
119b8 པའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་ཐོབ་པོ།། བཅུ་གང་ཞེ་ན་འདི་ལྟ་སྟེ། འདིས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་ཡིན་ནོ།། དེའི་སས