e-texts navigator
Collection
Volume
Page
Wylie

119a1 ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་འདི་དག་གི་བཀོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བའོ།། ཀླུའི
119a2 བདག་པོ་རྒྱ་མཚོ་ཆེན་པོ་འདི་ན་གང་དག་ལས་སྣ་ཚོགས་ཀྱིས་གཟུགས་མི་སྡུག་ཅིང་དབྱིབས་མི་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། གང་དག་ལུས་ཕྲ་ཞིང་ཆུང་བ
119a3 དེ་དག་ཐམས་ཅད་ཀྱང་རང་རང་གི་སེམས་དང་། ལུས་དང་ངག་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་སྣ་ཚོགས་སུ་བྱས་པས། སྣ་ཚོགས་སུ་གྱུར་པ་དག་གོ།། ཀླུའི་བདག་པོ
119a4 དེ་བས་ན་ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་རྣམ་པར་སྨིན་པ་ལས་རྟོན་པར་བྱའོ་ཞེས། ཀླུའི་བདག་པོ་ཁྱོད་ཀྱིས་དེ་ལྟར་སློབ
119a5 ཤིག་དང་། ལས་བདག་གིར་བྱས་པ་ལས་ཀྱི་བགོ་སྐལ་ལ་སྤོད་པ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ། ཁྱེད་དགེ་བའི་མངོན་པར་འདུ་བྱ་བ་ལ་བློ་འཇུག་པར་འགྱུར་རོ།།
119a6 ལྟ་བ་ཆུད་གཟོན་པར་བྱེད་པར་མི་འགྱུར་རོ།། ཆད་པ་དང་རྟག་པར་ལྟ་བ་ལ་གནས་པར་མི་འགྱུར་རོ།། ཁྱོད་ཀྱིས་སྦྱིན་པའི་གནས་རྣམས་མགུ་བར་བྱེད་པར་འགྱུར་རོ།། མགུ
119a7 བར་བྱས་ནས་ཀྱང་སྟི་སྟང་བྱས་པའི་རྒྱུ་ལས་བྱུང་བས་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྟི་སྟང་བྱས་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི།
119a8 ངན་འགྲོ་ངན་སོང་མི་ཁོམ་པའི་ལས་ཐམས་ཅད་ཡང་དག་པར་གཅོད་དོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་ཞག་རྣམས་འགྲོ་ཞིག་གུ་རྣམས




iiif viewer powered by OpenSeadragon

118b - 119b

Texts on this page

F314 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo