e-texts navigator
Collection
Volume
Page
Wylie

118b1 ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པས། ཆོས་ཐམས་ཅད་བསྒྲུབ་པ་གནས་པའི་མཚན་ཉིད་དུ་ཤེས་ནས་དགེ་བའི་ལས་མངོན་པར་འདུ་བྱ་བ་དག་མངོན་པར་འདུ
118b2 བྱེད་དོ།། དེ་དགེ་བའི་ལས་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་ན། སྒྲུབས་པས་གནས་པའི་མཚན་ཉིད་ཆོས་རྣམས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་གང་དག
118b3 མངོན་པར་བསྒྲུབ་པ་དེ་དག་མཛེས་ཤིང་ལྟ་ན་སྡུག་ལ་གཟུགས་བཟང་པོ། དག་ཏུ་མངོན་པར་འགྲུབ་པོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཁྲག
118b4 ཁྲིག་བརྒྱ་སྟོང་ལས་སྐྱེས་པ། མཚན་རྣམས་ཀྱིས་ཇི་ལྟར་རྒྱན་པ་དང་ཇི་ལྟར་སྒྲུབས་པ་དང་། དཔལ་གྱི་ལྷ་དང་མིར་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་མ་ཆགས་པར།
118b5 བཞུགས་ཏེ། གང་ན་རྒྱ་སྟོང་ཕྲག་བཅུ་ལ་དབང་བསྒྱུར་བའི་ཚངས་པ་ཆེན་པོ་འདི་དག་མོག་མགོ་པོར་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་ལ་ལྟ་ན་ཡང་མིག་ཡི་ཡི་པོར་གྱུར།
118b6 པ་ལྟོས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འདི་དག་གི་གཟུགས་དང་མཚོན་དང་ལུས་དང་རྒྱན་རྣམས་ལ་ལྟོས། ཀླུའི་བདག་པོ་དེ་དག་ཐམས་ཅད་ནི་དགེ་བའི་ལས་མངོན
118b7 པར་འདུ་བྱ་བ་རྣམས་ཀྱིས་མངོན་པར་འདུས་བྱས་པ་རྒྱན་པ་སྒྲུབས་པའོ།། ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས་ཐམས་ཅད་ལས་བྱུང་བའོ།། ཀླུའི་བདག
118b8 པོ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོངས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།




iiif viewer powered by OpenSeadragon

118a - 119a

Texts on this page

F314 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo