| e-texts navigator |
| Wylie |
118a1 དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ
118a2 ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཁྲག་ཁྲིག་རྒྱ་སྟོང་མང་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ
118a3 དག་འདུས་པར་མཁྱེན་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་སྐྱེ་མ་འཇིག་རྟེན་གནས་པ་འདི་ནི། ལས་རྣམ་པ་སྣ་ཚོགས་ཀྱིས་བསྐྱོད་ན། སེམས
118a4 ཀྱི་དམིགས་པ་སྣ་ཚོགས་ཀྱིས་ལས། རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་དེ། དེའི་འགྲོ་བ་ཡང་སྣ་ཚོགས་སུ་གྱུར་ཏོ།། ཀླུའི་བདག་པོ་འཁོར་འདི་དང་། རྒྱ་མཚོ་ཆེན་པོ་འདིན
118a5 སྣ་ཚོགས་ཇི་སྙེད་པ་དང་། གཟུགས་ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས། ཀླུའི་བདག་པོ་འདི་དག་ཐམས་ཅད་ནི་རང་རང་གི་སེམས་དང་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང
118a6 མི་དགེ་བ་སྣ་ཚོགས་སུ་བྱས་པས་སྣ་ཚོགས་སུ་གྱུར་པ་དགོ། སེམས་ནི་གཟུགས་མེད་བསྟན་དུ་མེད་པ། བཟུང་དུ་མེད་པའོ།། ཀླུའི་བདག་པོ་འདི་ལྟར་ཆོས་ཐམས་ཅད་ནི་བཅོས
118a7 མ་སྒྲུབས་པས་གནས་པའི་མཚན་ཉིད་དེ། བདག་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པའོ།། དེ་དག་གི་ལས་ཇི་ལྟར་བསགས་པས་བསྒྲུབ་པ་སྣ་ཚོགས
118a8 སུ་བྱས་པ་དག་ཏེ། འདི་ལ་བྱེད་པ་པོ་གང་ཡང་མེད་དོ།། ཀླུའི་བདག་པོ་འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ། སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ།།