| e-texts navigator |
| Wylie |
116b1 ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་ཆོས་བཟུང་ན། བསོད་ནམས་ཅི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ཚིག
116b2 སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་སྨན་གྱི་ཕྱོགས་བཅུ་ཡི།། ཞིང་རྣམས་ཇི་སྙེད་ངས་མཐོང་བ།། དེ་ཀུན་རིན་ཆེན་གང་བྱས་ནས།། མི་གང་སྦྱིན་པ་སྦྱིན་བྱེད་ལ།
116b3 གང་ཞིག་འཇིག་རྟེན་མགོན་པོའི་ཆོས།། སྙིང་ནས་ཡོངས་སུ་འཛིན་བྱེད་ན།། དེ་བས་མི་དེ་བསོད་ནས་ནི།། ཤིན་ཏུ་མང་དུ་འཕེལ་བར་འགྱུར།། བསྐལ་པའི་བར་དུ་བཞུགས
116b4 ནས་ནི།། དཔེ་རྣམས་བསྟན་པས་བཤད་ན་ཡང་།། དམ་པའི་ཆོས་ནི་འཛིན་པ་ཡི།། བསོད་ནམས་ཟད་པར་ཡོང་མི་འགྱུར།། ཆོས་ཀྱི་རྣམ་གྲངས་འདི་བསྟན་ན།། ལྷ་བྱེ་བ
116b5 ཁྲག་ཁྲིག་བདུན་བཅུ་རྩ་དྲུག་གིས།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ
116b6 སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་མཚན་མ་ཆེན་པོ་བཅོ་བརྒྱད་དུ་རབ་ཏུ་གཡོས་པར་གྱུར་ཏེ། འདི་ལྟ་སྟེ།།
116b7 ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ།། ནུབ་ཕྱོགས་མཐོན་ཤར་ཕྱོགས་དམའ།། ལྷོ་ཕྱོགས་མཐོན་བྱང་ཕྱོགས་དམའ།། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམ
116b8 དབུས་མཐོན་མཐའ་དམའོ།། མཐའ་མཐོན་དབུས་དམའ་བར་འགྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འ