| e-texts navigator |
| Wylie |
112a1 ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་ཀྱི་དེ་བཞིན་གཤེགས་པས་བྱང་ཆུབ་ཅི་ནས་ཡུན་ར།
112a2 དུ་གནས་པར་བྱ་བའི་ཕྱིར་ཟུངས་ཤིག། ཁྱེད་ཀྱི་ནང་ནས་མདོ་སྡེ་འདི་དག་བཟུང་བར་སུ་སྤྲོ།། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་། ལྷའི་བུ་སྟན་ལས་ལངས་ཏེ།
112a3 བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་མདོ་སྡེ་འདི་ལྟ
112a4 བུ་དག་བཟུང་བར་འཚལ་ལོ།། རྒྱས་པར་ཡང་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཀྱིས་ཆོས་བསྒྲུབ་པ་ཇི་ལྟ་བུས་དེ་བཞིན
112a5 གཤེགས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་ཏོག་ཅེས་བྱ་བ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ།
112a6 ཏོ། བཅོམ་ལྡན་འདས་བདག་གིས་དམ་པའི་ཆོས་བཟུང་བར་འཚལ་ན་ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས
112a7 བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་བསྒྲུབ་ན་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་མཉམ་པ་ལྟས་གསོལ་པ།
112a8 བཅོམ་ལྡན་འདས་བདག་གིས་མཚམས་མ་མཆིས་པ་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དུ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས