e-texts navigator
Collection
Volume
Page
Wylie

426a1 སུ་འདྲ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྷའི་རྡོ་ལེག། ཀྱི་ཧུད་ལྷའི་འདུན་ས། ཀྱི་ཧུད་ལྟ་ན་སྡུག་པ། ཞེས་སྙིང་རྗེ་རྗེ་སྐད་དུ།
426a2 སྨྲེ་སྔགས་འདོན་པ་མཐོང་སྟེ། བདག་དེར་མཆི་ནས། འདི་སྐད་ཅེས་བགྱིས་སོ།། གྲོགས་པོ་ཁྱོད་ཅིའི་ཕྱིར་བྲང་རྡུང་། ཞིང་དུ་བ་ལ་མྱ་ངན་བྱེད་དེ་སྨྲེ་སྔགས་འདོན།
426a3 དེས་སྨྲས་པ། བདག་ནི་འདིར་ལྷའི་བདེ་བ་དང་བྲལ་ཏེ། ཞག་བདུན་ན་འདི་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར། ཕག་མོའི་མངལ་དུ་སྐྱེ་བར་འགྱུར་ཏེ། བདག་ནི་དེང
426a4 ལོ་མང་པོ་ཞིག་ཕྱི་ས་དང་གཅིན་འཚལ་བར་འགྱུར་བས། དེའི་སླད་དུ་བདག་དེ་སྐད་མཆིའོ།། གྲོགས་པོ་ཚུར་ཤོག། ཁྱོད་རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས
426a5 སུ་སོང་ཤིག། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཆོས་ལ་སྐྱབས་སུ་སོང་ཤིག། ཚོགས་རྣམས་ཀྱི་མཆོག། དགེ་འདུན་ལ་སྐྱབསུ་སོང་ཤིག། དེ་ནས་ལྷའི་བུ་དེ་དུད
426a6 འགྲོའི་སྐྱེ་གནས་ཀྱི་འཇིག་ཤིང་སྐྲག་ཏེ། དེ་སྐད་ཅེས་མཆིའོ།། གྲོགས་པོ་དག་ནི། འདི་ལྟར་རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས་སུ་མཆིའོ།། འདོད་ཆགས
426a7 དང་བྲལ་རྣམས་ཀྱི་མཆོག། ཆོས་ལ་སྐྱབས་སུ་མཆིའོ།། ཚོགས་རྣམས་ཀྱི་མཆོག། དགེ་འདུན་ལ་སྐྱབས་སུ་མཆིའོ།། དེ་ནས་ལྷའི་བུ་དེས་སྐྱབས་གསུམ་བཟུང་ནས། འཆི
426a8 འཕོའི་དུས་བྱས་པ་དེ། བཅོམ་ལྡན་འདས་གང་དུ་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ལྷའི་བུ་དེ་ནི་དགའ་ལྡན་གྱི་རིགས་དེར་སྐྱེས་ཏེ། ལྷའི




iiif viewer powered by OpenSeadragon

425b - 426b

Texts on this page

F312 - 'phag mo'i rtogs pa brjod pa zhes bya ba'i mdo