| e-texts navigator |
| Wylie |
424b1 འཕགས་པའི་བདེན་པ་བཞིའི་མདོ་རྫོགས་སྷོ། བཀྲ་ཤིས། @རྒྱ་གར་སྐད་དུ། སུ་ཀ་རི་ཀ་བ་དུན
424b2 སཱུ་ཏྲ། བོད་སྐད་དུ། ཕག་མོའི་རྟོགས་པ་བརྗོད་པ་ཞེས་བྱ་བ་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས
424b3 ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས
424b4 ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷའི་བུའི། འཆི་འཕོའི་ཆོས་ཀྱི་ལྔ་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་རོ།། ལྔ་གང་ཞེ་ན། གོས་རྣམས
424b5 སྔོན་དྲི་མ་མི་ཆགས་པ་ལས། དྲི་མ་ཆགས་པ་དང་། མེ་ཏོག་འཕྲེང་བ་རྣམས་སྔོན་མི་རྙིས་པ་ལས་རྙིས་པ་དང་། མཚན་ཁུང་གཉིས་ནས་རྡུལ་འབྱུང་བ་དང་།
424b6 ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང་། ལྷའི་བུའི་འཆི་འཕོའི་ཆོས་ནི་རང་གི་སྟན་ལ་དགའ་བ་མི་ཐོབ་པའོ།། དགེ་སློང་དག་དེ་ནས་ལྷའི་བུ་ཞིག་འཆི་འཕོའི་ཆོས
424b7 ཀྱི་ལས་འགྲེ་ལྡོག་སྟེ། བྲང་རྡུང་ཞིང་དུ་ལ། སྙིང་རྗེ་རྗེ་སྐད་དུ། སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དྲལ་གྱིས་འབབ་པ། ཀྱི་ཧུད་རྫིང་། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང
424b8 རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་འགྱུར་གྱི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད